ཁྲི་རལ་པ་ཅན།
༧༠༽ ཅོག་རོ་ལྷ་ལོད་ཀྱིས། “རེད། ལྷ་སྲས་གཙང་མ། ཆོས་བློན་བྲན་ཀ་དཔལ་དང༌། བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་སོགས་ཀྱང་མེད་པ་བཟོ་དགོས། དེ་མིན་སྲིད་དབང་མི་ལོན།” ཞེས་བཤད།
༧༡༽ སྦས་སྟག་སྣས། “རེད། ང་ཚོས་ངེས་པར་སྲིད་དབང་ལོན་ཐབས་ཤིག་བྱ་དགོས། ཚང་མ་གསོད་མི་ཐུབ། དེ་ལས་གཡོ་ཐབས་བཀོལ་ན་བཟང༌། ང་ལ་ཐབས་ཚུལ་ཁ་ཤས་ཤིག་ཡོད།” ཅེས་བཤད།
༧༢༽ དེ་ནས། མེ་ལུག་(ཕྱི་ལོ་༨༢༧)ལོའི་ལོ་གསར་སྐབས་མོ་མ་ཕྱྭ་མཁན་གྲགས་ཅན་ཞིག་ལ་ནོར་གྱིས་བསླུས་ཏེ། ད་ལོར་ལྷ་སྲས་གཙང་མ་རབ་ཏུ་བྱུང་ཞིང་སྒོམ་སྒྲུབ་ལ་མ་ཕེབས་ན་སྐུ་ཚེའི་བར་ཆད་ཆེ་ཚུལ་སོགས་ཞུ་རུ་བཅུག
༧༣༽ དེ་ནས་ལྷ་སྲས་གཙང་མ་རབ་ཏུ་བྱུང་ཞིང༌། བློན་པོ་དང་ལོ་པཎ་འགས་ཕེབས་སྐྱེལ་གྱིས་ལྷོ་ཕྱོགས་མོན་གྱི་ཡུལ་ལ་བསྐྱོད་པའི་གྲུ་ལ་བཞུགས་ནས་འབྲལ་ཁར། སྲས་གཙང་མ་ཐུགས་ཤིན་ཏུ་སྐྱོ་བ་ཞིག་བྱུང་ནས་སྤྱན་ཆབ་བསིལ།
༧༤༽ ལྷ་སྲས་གཙང་མ་ལྷོ་བྲག་ཁོ་ཐིང་ལ་འབྱོར་བའི་སྐབས་དེར། སྦས་སྟག་སྣ་ཅན་སོགས་ཀྱིས་བཙན་པོ་ཁྲི་རལ་གྱི་བཙུན་མོ་སྣ་ནམ་བཟའ་མང་མོ་རྗེ་ལ་གསོལ་དུག་དྲངས་ཏེ་བཀྲོངས།